ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་བྷ་མ་དང་ར་ཧུལ་ཁེ་སི་ཊི་རོ་ཐུག་འཕྲད་བྱ་འཆར།


ཕྱི་ཟླ་༣་པའི་ཚེས་༢༡་ནས་༢༢་བར་དུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཁྱིམ་མཚེས་རྒྱལ་ཁབ་ཀུ་པར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཀུ་པའི་སྲིད་དོན་ལྟ་བ་མི་མཐུན་པ་དང་ཁེ་ལས་པ། ཀུ་པའི་ཤེས་ཡོན་ཅན་དང་སྲིད་འཛིན་ར་ཧུལ་ཁེ་སི་ཊི་རོ་བཅས་སྤྱི་ཚོགས་ཀྱི་མི་སྣ་རིགས་འགའ་ཞིག་ལ་ཐུག་འཕྲད་བྱ་འཆར་ཡོད་ཀྱང་། སྲིད་འཛིན་ཨོ་བྷ་མས་ཀུ་པའི་དམར་ཤོག་གསར་བརྗེའི་འགོ་ཁྲིད་དང་སྲིད་འཛིན་ཟུར་པ་ཧྥི་ཌལ་ཁེ་སི་ཊི་རོར་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་མེད་ཅིང་། ༡༩༢༨་ལོར་ཨ་རིའི་སྲིད་འཛིན་ཞིག་ཀུ་པ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ནས་བཟུང་། ད་བར་ཨ་མི་རི་ཀའི་སྲིད་འཛིན་ཞིག་ཀུ་པར་ཕེབས་མྱོང་མེད་པ་དང་། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་ཨོ་བྷ་མ་ཀུ་པ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ནས་དམར་ཤོག་གི་མཚོ་གླིང་རྒྱལ་ཁབ་དེར་དགོས་ངེས་ཀྱི་སྒྱུར་བཅོས་ཤིག་མྱུར་དུ་ཐེབས་ཐབས་བྱ་རྒྱུ་དང་། འདས་པའི་ལོ་ཤས་རིང་ཨ་མི་རི་ཀ་དང་ཀུ་པའི་འབྲེལ་བ་ཁག་ཅིག་སླར་གསོ་བྱུང་བ་རྣམས་སྲ་བརྟན་གཏོང་ཐུབ་པའི་རེ་འཆང་ཡོད་ཅེས་བཤད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG