ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༣/༡༥

རྒྱལ་ཚོགས་ཀྱི་རྒྱ་ནག་གཞུང་ལ་ཁྲིམས་རྩོད་པ་དོ་དམ་བྱས་པ་ཚང་མ་གློད་བཀྲོལ་དགོས་ཞེས་གསུངས་པ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྤྱི་ཁྱབ་ཀྱིས་ རྒྱ་ནག་གཞུང་ལ་ ཟླ་བ་སྔོན་མ་འཛིན་བཟུང་བྱས་པ་མི་གྲངས་༡༥ཡོད་པ་དེ་དག་ཚུད་པའི་སྔ་ལོའི་ཕྱི་ཟླ་བདུན་པ་ནས་བཟུང་འཛིན་བཟུང་དང་ དོ་དམ་བྱས་པའི་ཁྲིམས་རྩོད་པ་ཡོངས་རྫོགས་གློད་བཀྲོལ་གཏང་དགོས་པའི་ནན་བསྐུལ་གནང་བ་དང་འབྲེལ་ མི་དེ་རྣམས་ཀྱིས་རང་འཁྲིའི་ལས་དོན་སྒྲུབ་པར་བཙན་གནོན་དང་ ཉེས་ཆད་བཏང་བ་དེ་ནི་མ་འོས་པ་རེད་ཅེས་གསུངས་ཡོད་འདུག་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་འགན་འཛིན་སྤྱི་ཁྱབ་ཛཱ་འིད་ རེའྡ་ ཨལ་ ཧུ་སེན་གྱིས་ ཧོང་ཀོང་གི་དཔེ་དེབ་ཚོང་ཁང་ཞིག་གི་ལས་མི་ལྔ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དེ་དག་གི་གྱོད་གཞིའི་ཐད་ལའང་ རྒྱ་ནག་གཞུང་གིས་དྲང་བདེན་དང་ ཕྱི་གསལ་ནང་གསལ་བྱེད་དགོས་པའི་སྐུལ་མ་གནང་སྟེ་ མི་དེ་དག་གི་ནང་མི་དང་ ཁྲིམས་རྩོད་པ་རྣམས་ཐུག་འཕྲད་བྱེད་དུ་གཏོང་དགོས་པ་ཡིན་ཞེས་གསུངས་ཡོད་འདུག

XS
SM
MD
LG