ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཌཱ་ནཱལྚ་ཊ་རཱམ་གྱིས་རྒྱ་ནག་ལ་བྱང་ཀོ་རི་ཡེའི་འགོ་ཁྲིད་མཐོང་རྒྱུ་མེད་པ་བཟོ་རུ་འཇུག་འདོད་ཡོད་པ།


རྒྱ་ནག་གིས་དམར་ཤོག་བྱང་ཀོ་རི་ཡེའ་འགོ་ཁྲིད་ཀིམ་ཇོང་ཨུན་གནས་དབྱུངས་གཏོང་དགོས་ངེས་ཡིན་པ་ ཨ་མི་རི་ཀའི་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་ཌཱ་ནཱལྚ་ཊི་རཱམ་གྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ དེ་ཡང་ ཨ་མི་རི་ཀའི་༼CBS༽བརྙན་འཕྲིན་ཁང་གི་ལས་རིམ་ཞིག་གི་ཐོག་གཏམ་བཤད་བྱས་པའི་ནང་ཊི་རཱམ་གྱིས་ བྱང་ཀོ་རི་ཡེའི་འགོ་ཁྲིད་ཀིམ་ཇོང་ཨུན་མཐོང་རྒྱུ་མེད་པ་བཟོ་དགོས་ངེས་ཡིན་ལུགས་འགྲེལ་བརྗོད་བྱས་ཏེ་ གལ་ཏེ་ང་སྲིད་འཛིན་ལ་འོས་འདེམས་བྱུང་བ་ཡིན་ན་ ངས་རྒྱ་ནག་ལ་ མི་དེ་གང་མགྱོག་མཐོང་རྒྱུ་མེད་པ་བཟོ་རུ་འཇུག་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད་ གསར་འགོད་པས་ཁོང་ལ་ བྱང་ཀོ་རི་ཡེའི་འགོ་ཁྲིད་དམར་གསད་གཏོང་རྒྱུའི་སྐོར་གསུང་གི་ཡོད་དམ་ཞེས་འདྲི་བ་བཀོད་པར་ འབྱོར་ལྡན་པ་ཊི་རཱམ་གྱིས་ དེ་འདྲ་ཟེར་གྱི་མེད་པའི་རྣམ་པ་བསྟན་སྟེ་ དྲང་པོ་བཤད་ན་ ངས་དེ་ལས་སྡུག་པ་ཡོང་རྒྱུ་ཡོད་པའི་སྐོར་གོ་ཐོས་བྱུང་ གང་ལྟར་ མི་འདི་ནི་ཧ་ཅང་གི་ངན་པ་གཅིག་ཡིན་པས་ འདི་ལ་ང་ཚོས་ཚོད་དཔག་དམའ་པོ་བྱ་རྒྱུ་མེད་ཅེས་ལན་འདེབས་བྱས་ཡོད་པ་རེད།

XS
SM
MD
LG