ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་ཆབ་སྲིད་བཙོན་པ་ཁྲི་རྒྱལ་ལགས་རྒྱའི་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པ།


གནས་ཚུལ་ཐོན་གསལ་ལ་གཞིགས་ན། རྒྱ་ནག་གི་དཀར་ལྔའི་དར་དམར་རང་གི་ཁང་ཐོག་ཏུ་བསྒྲེང་རྒྱུར་མོས་མཐུན་མི་བྱེད་མཁན་ བོད་ཀྱི་ཆབ་སྲིད་བཙོན་པ་ཁྲི་རྒྱལ་ལགས་ རྒྱ་ནག་གི་བཙོན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་འདུག ཁོང་བཙོན་ཁང་ནང་ཡོད་པའི་སྐབས་སུ་ རྒྱ་གཞུང་གི་བདེ་འཇགས་མི་སྣས་ཁོང་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་དབང་གིས་བཙོན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་པ་དང། ཁོང་གིས་སྐར་ལྔའི་དར་དམར་རང་གི་ཁང་ཐོག་ལ་བསྒྲེང་རྒྱུར་མོས་མཐུན་མ་བྱས་པའི་དབང་གིས། རྒྱ་གཞུང་གིས་ཁོང་ལ་ལོ་ངོ་༡༣ རིང་བཙོན་འཇུག་བྱ་རྒྱུའི་བཅད་ཁྲ་བཏོང་དོན་ལྟར་ཉེས་ཆད་བཞིན་པའི་མུར་བཙོན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG