ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱང་ཀོ་རི་ཡས་་སླར་ཡང་དཔོན་རིགས་མཐོ་གྲས་ཤིག་སྲོག་ཐོག་བཏང་ཡོད་པ།


ལྷོ་ཀོ་རི་ཡའི་ཡོན་ཧབ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ལྟར་ན།་་བྱང་ཀོ་རི་ཡའི་སྲིད་གཞུང་གིས་དྲག་པོའི་དཔུང་དམག་གི་སྤྱི་ཁྱབ་དམག་སྤྱི་སྐུ་ཞབས་རི་ཡོང་རྒིལ་ཞུ་བ་དེ་ཟླ་བ་འདི་ནང་སྲོག་ཐོག་ཏུ་བཏང་ཡོད་འདུག གནས་ཚུལ་འདི་དངོས་འབྲེལ་ཡིན་ཚེ། བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ལྗོང་ཨན་གྱིས་འཛིན་སྐྱོང་སྲིད་གཞུང་ལ་འགལ་ཟླ་བྱེད་མཁན་དཔོན་རིགས་ཁག་གཙང་སེལ་བྱེད་རྒྱུའི་ལས་འཆར་ཁག་གི་ནང་ནས་རྗེས་ཤོས་དེ་ཆགས་ཡོད་པ་རེད། གནས་ཚུལ་འདི་ནི་་ཉེ་དུས་་བྱང་ཀོ་རི་ཡས་རེས་གཟའ་ཉི་མའི་ཉིན་ འཕེན་རྒྱང་་རིང་བའི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་པའི་ རྐྱེན་གྱིས་བྱང་ཀོ་རི་ཡར་རྒྱལ་སྤྱིའི་ཕྱོགས་ནས་སྐྱོན་བརྗོད་བྱས་པ་དང་། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བའི་བརྒྱུད་རིམ་དེ་ཇེ་སྡུག་ཏུ་འགྲོ་གི་ཡོད་པའི་སྐབས་འདིར་བྱུང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁང་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG