ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཞུགས་སྒར་དུ་རྣམ་རྒྱལ་གྲྭ་ཚང་གིས་དགུ་གཏོར་བསྐྱོན་ཡོད་པ།


རིང་མིན་འཆར་ལ་ཉེ་བའི་བོད་ལུགས་ལོ་གསར་ལ་ འགྲོ་བ་ཀུན་ལ་འགེགས་དང་ བར་ཆད་མི་ཡོང་བའི་སླད་དུ་ རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་ དགུ་གཏོར་བསྐྱོན་ཡོད་ཅིང་ དེ་ཡང་ རེས་གཟའ་ཉི་མའི་ཉིན་མོ་དེ་ནི་ བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་བཞི་བཅུ་ཞེ་གཉིས་ རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་བོད་ཟླ་༡༢པའི་ཚེས་༢༩ཡིན་སྟབས་ དེ་ཉིན་རྡ་སར་ རྣམ་རྒྱལ་གྲྭ་ཚང་གི་བློ་དཔོན་བློ་བཟང་བསྟན་དར་མཆོག་དབུ་ཞུགས་ཐོག་ གྲྭ་ཚང་གི་དགེ་འདུན་གྱི་འདུས་སྡེ་ནས་ཉི་ཤུ་དགུའི་གཏོར་རྒྱག་སྐྱོན་ཡོད་པ་རེད་ སྐབས་དེར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་ཆེན་ཁྲོམ་ཐོགས་རིན་པོ་ཆེ་མཆོག་གིས་ སྤྱིར་སྟངས་དགུ་གཏོར་ནི་ སྔར་བོད་ནང་རྩེ་དགུ་གཏོར་ཞེས་པའི་ལོ་གསར་གྱི་གཞུང་འབྲེལ་ཆོས་ཕྱོགས་ཀྱི་གནང་སྒོ་ཞིག་ཡིན་པ་དེ་ མི་ཉམས་རྒྱུན་འཛིན་བྱ་རྒྱུའི་སླད་དུ་ ལོ་ལྟར་བཞུགས་སྒར་དུ་རྣམ་རྒྱལ་གྲ་ཚང་གིས་གནང་བཞིན་པ་ཞིག་ཡིན་པའི་ཐོག་ འདི་ལི་དམིགས་བསལ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་ཞབས་རིམ་དང་འབྲེལ་ཏེ་ གྲུབ་བཞགས་བཅས་གནང་ཡོད་ལུགས་གསར་འགོད་པར་འགྲེལ་གནང་ཡོད་པའི་སྐོར་ འདི་གའི་གསར་འགྱུར་མཁོ་གཏོང་བ་ བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG