ངོ་འཕྲད་བདེ་བའི་དྲ་འབྲེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཚོས་སི་རི་ཡའི་གཞུང་དང་ཁ་གཏད་གྱེན་ལོག་པ་ཚོར་བར་འདུམ་བྱས་ཏེ། ༢༠༡༡་ནས་མགོ་བརྩམས་པའི་སི་རི་ཡའི་ནང་འཁྲུག་དེ་ཉིད་མཚམས་འཇོག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ཐོག་མར་སི་རི་ཡའི་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཤིག་འཐོན་སྲིད་པའི་རྣམ་པ་ཞིག་མངོན་རུང་། ཨུ་རུ་སུའི་གནམ་དམག་གིས་སི་རི་ཡའི་གཞུང་དམག་ལ་རྒྱབ་སྐྱོར་བྱས་ཏེ་ཁ་གཏད་གྱེན་ལོག་པའི་བཙན་ས་གཙོ་བོ་ཨ་ལེ་ཕོ་གྲོང་ཁྱེར་ལ་དཔུང་འཇུག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཨ་ལེ་ཕོ་གྲོང་ཁྱེར་དེ་ཉིད་སི་རི་ཡའི་གཞུང་གིས་ལེན་སྲིད་པའི་རྣམ་པ་ཞིག་ཐོན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམ་པས་སི་རི་ཡའི་ཁ་གཏད་ཤོག་ཁག་ཚོར་བར་འདུམ་གྲོས་མོལ་བྱ་རྒྱུ་མཚམས་བཞག་ཅིང་། བདུན་ཕྲག་འདིའི་མགོ་སྟོད་ནས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌའི་འཇི་ཎི་ཝ་གྲོང་ཁྱེར་དུ་སི་རི་ཡའི་ཞི་བའི་གྲོས་མོལ་འགོ་ཚུགས་ཀྱང་། ད་སྔ་སི་རི་ཡའི་ཞི་བའི་གྲོས་མོལ་དེར་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་ཐོན་མེད་པ་རེད།།

XS
SM
MD
LG