ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་དྲག་པོའི་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་པར་ཁ་གཏད་གཅོག་རྒྱུར་ཨ་རི་གྲ་སྒྲིག་ཡིན་ཞེས་རྗོད།


དེང་སྐབས་རྒྱ་ནག་གི་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བདག་དབང་རྩོད་གླེང་བྱེད་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་འབྲེལ་ཡོད་རྒྱལ་ཁབ་ཕན་ཚུན་འཁོན་རྩོད་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ ཨ་མི་རི་ཀའི་དམག་དོན་ལྷན་ཁང་གིས་རྒྱ་ནག་གི་དྲག་པོའི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ ཕན་ནུས་ཆེ་བའི་དེང་དུས་ཀྱི་འཕྲུལ་རིག་ལྡན་པའི་མཚོན་ཆ་གསར་པའི་རིགས་བཟོ་བསྐྲུན་བྱ་རྒྱུར་འགྲོ་གྲོན་མང་ཙམ་ཞིག་གཏོང་དགོས་ངེས་ཆགས་ཡོད་ཅེས་ ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ཨེ་ཤི་ ཀར་ཏྲར་གྱིས་རེས་གཟའ་མིག་དམར་ཉིན་གསུངས་ཡོད་ཅིང་དེ་ཡང་ རྒྱ་ནག་གིས་བདག་དབང་ཡོད་ཚུལ་བརྗོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་དང་ མཚོ་ལྷག་དེ་གྲས་ཀྱི་ཉེ་འཁྲིས་སུ་ཉེ་དུས་ཨ་མི་རི་ཀའི་དམག་གྲུས་བསྐྱོད་པའི་གནས་ཚུལ་བྱུང་ཡོད་པ་དེའི་སྐོར་འདྲི་བ་བཀོད་པའི་ལན་དུ་སྐུ་ཞབས་ཀར་ཏྲར་གྱིས་ ང་ཚོས་དེ་འདྲ་ད་དུང་མུ་མཐུད་དེ་བྱ་རྒྱུ་ཡིན་པ་ལས་ཕྱིར་བཤོལ་བྱ་རྒྱུའི་འཆར་གཞི་མེད་ རྒྱ་ནག་གི་ཕྱོགས་ནས་བྱ་སྤྱོད་ལག་བསྟར་བྱེད་སྟངས་ལ་གཞིགས་ཏེ་ ང་ཚོས་ཡ་ལན་ངེས་པར་དུ་སྤྲོད་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG