ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་འཐུས་ཀརྨ་ཆོས་འཕེལ་སྐུ་ཚེ་འཕོས་པར་བཀའ་ཤག་དང་སྤྱི་འཐུས་ཀྱིས་མྱ་ངན།


བོད་མི་མང་སྤྱི་འཐུས་ལས་ཐོགས་དང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྐུ་ཞབས་ཀརྨ་ཆོས་འཕེལ་ལགས་ཟླ་ཤས་ཀྱི་རིང་སྙུང་གཞི་བཞེས་ཏེ་དྲག་བསྐྱེད་མ་བྱུང་བར་ཉེ་སྔོན་གཟའ་སྤེན་པའི་མཚན་དཀྱིལ་ཙམ་ལ་སྐུ་ཚེ་འཕོས་པར་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་གཉིས་ཀས་མྱ་ངན་གུས་བཏུད་ཞུས་གནང་ཡོད་པ་སོགས་ཀྱི་སྐོར་ལ་བཞུགས་སྒར་རྡ་རམ་ས་ལ་ནས་ཨ་མི་རི་ཀའི་རྒྱང་སྲིང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བའི་གནས་ཚུལ་དེ་གསན་པར་ཞུ།

XS
SM
MD
LG