ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀུ་ཤུ་བཟོ་ལས་ཁང་གིས་རྒྱ་གར་ནང་རང་གི་མ་འོངས་པའི་ཁྲོམ་རར་འགྱུར་རྒྱུའི་རེ་བ་བྱེད་པ།


དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཉམས་རྒུད་འགྲོ་གི་ཡོད་པའི་སྐབས་འདིར། རྒྱལ་སྤྱིའི་ནང་གྲགས་ཆེ་བ་ཀུ་ཤུ་བཟོ་ཚོང་ལས་ཁང་གིས་ལག་འཁྱེར་ཁ་པར་དང་གློག་ལས་འཕྲུལ་ཆས་ཁག་ཚོང་ཡུལ་ཁྲོམ་ར་གསར་པ་ཞིག་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད། ཁྲོམ་རའི་གནས་སྟངས་ཉམས་ཞིབ་པ་ཚོས་རྒྱ་གར་ནི་འཛམ་གླིང་ནང་ནས་་་མི་འབོར་མང་ཤོས་ཨང་གཉིས་པ་ཡིན་པ་དེའི་ཁར། ཤེས་ཡོན་ལྡན་པའི་གཞོན་སྐྱེས་ཧ་ཅང་མང་པོ་ཡོད་པ་དེ་དང་།འབྲིང་རིམ་མི་མང་གི་འཚོ་བའི་གནས་སྟངས་ཡང་ཡར་རྒྱས་ཆེན་པོ་འགྲོ་གི་ཡོད་པ་སོགས་ཀྱི་གནས་སྟངས་ལ་བརྟེན་ནས་རྒྱ་གར་མ་འོངས་པར་དེང་དུས་འཕྲུལ་རིག་ལག་རྩལ་ལས་གྲུབ་པ་ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་ཁ་པར་དེ་རིགས་ཚོང་ཡུལ་ཁྲོམ་ར་ཡག་ཤོས་ཤིག་ཏུ་འགྱུར་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG