ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༢/༡༡

ཐེ་ཝན་གྱི་འོས་འདེམས་ལ་རྒྱ་ནག་གི་དམག་སྦྱོང་སྡིགས་ར་བསྐུལ་པ།


བདུན་ཕྲག་སྔོན་མར་ཐེ་ཝན་མི་དམངས་ཀྱིས་མིན་ཅིན་ཏང་གི་འགོ་ཁྲིད་ཚེ་དབྱིན་ཝེན་མཚོ་གླིང་དེའི་སྲིད་འཛིན་འོས་འདེམས་བྱས་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་འབྲེལ་བ་བཟང་པོ་ཞིག་བཙུགས་ཡོད་པ་རྒྱུན་འཁྱོངས་བྱ་འདོད་ཡོད། ཐེ་ཝན་རྒྱ་ནག་གི་མངའ་ཁོངས་ཡིན་པ་དེར་འགྱུར་བ་མེད་ཅེས་བཤད་ཀྱང་། རྒྱ་ནག་གིས་ཐེ་ཝན་དམིགས་འབེན་ལ་བཟུང་ནས་དམག་སྦྱོང་ཆེན་པོ་ཞིག་བྱས་ཡོད་ཅིང་། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱ་དགོས། ཁོང་གིས་ཐེ་ཝན་རང་བཙན་གྱི་བསམ་བློ་ངེས་པར་དུ་འདོར་དགོས་ཞེས་ནན་བརྗོད་བྱས་པ་དང་། ཐེ་ཝན་གྱི་མིན་ཅིན་ཏང་གིས་མཚོ་གླིང་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལངས་ཕྱོགས་བཟུང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༡༡
please wait

No live streaming currently available

0:00 0:00 Live
XS
SM
MD
LG