ངོ་འཕྲད་བདེ་བའི་དྲ་འབྲེལ།

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གློད་གྲོལ་དགོས་པའི་འབོད་སྐུལ།


སྔ་ལོ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་བརྒྱ་ཕྲག་འགའ་ཞིག་འཛིན་བཟུང་བྱས་པ་དང་། ཁྲིམས་རྩོད་པ་དེ་དག་གི་བཟའ་ཟླ་བུ་ཕྲུག་དང་ཉེ་ཚན་སོགས་ལ་སྡིགས་ར་བསྐུལ་ནས་འདྲི་གཅོད་བྱས་ཡོད་ཅིང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་བཀག་ཉར་བྱས་པ་དང་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པས། གཟའ་འཁོར་འདིར་བྱང་ཨ་མི་རི་ཀ་དང་ཡུ་རོབ། ཨོ་སི་ཊེ་རེ་ལི་ཡ་སོགས་ཀྱི་རྒྱལ་སྤྱིའི་ཁྲིམས་རྩོད་པ་གྲགས་ཅན་ཁག་ཅིག་གིས་དབྱིན་ཇིའི་གྷར་ཌི་ཡཱན་ཚགས་པར་ལ་ཐུན་མོང་གི་རྩོམ་ཡིག་སྤེལ་ཏེ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་བརྒྱ་ཕྲག་མང་པོར་སྡིགས་ར་བསྐུལ་ནས་བཀག་ཉར་བྱས་པ་དང་། ཁོ་ཚོ་གར་སོང་ཆ་མེད་དུ་གྱུར་པ་སོགས་ལ་ང་ཚོ་བློ་འཚབ་ཆེན་པོ་ཡོད་བཀོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG