ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༡༢/༠༦

བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཁག་ཏུ་ལས་དོན་རུ་ཁག་གཏན་སྡོད་བྱ་སྲིད།


རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཁག་ཏུ་མུ་མཐུད་གསང་བའི་སྒོ་ནས་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། གྲོང་གསེབ་ཁག་ཏུ་གནས་སྡོད་བྱས་ཏེ་ཡོད་པའི་ལས་དོན་རུ་ཁག་ཚོགས་པ་དག་གཏན་སྡོད་བྱ་སྲིད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་བཏོན་འདུག དེའི་ཐད་རྒྱ་ནག་ལ་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་གདན་འདྲེན་ཞུས་ཏེ་བགྲོ་གླེང་བྱས་ཡོད།།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གཟའ་ཟླ་བའི་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁོངས་ཀྱི་གྲོང་གསེབ་ཁག་ལ་ལྟ་རྟོག་བྱེད་པའི་ལས་རིམ་ནི་ཕྱི་ལོ་༢༠༡༤་ལོར་མཇུག་བསྒྲིལ་དགོས་པ་ཞིག་ཡིན་ནའང་། ད་ལྟ་ལས་འཆར་དེ་ནི་དུས་ཡུན་ངེས་མེད་རིང་རྒྱུན་བསྲིངས་པ་དང་། གྲོང་གསེབ་ཁག་ཏུ་གནས་སྡོད་བྱེད་པའི་ལས་དོན་རུ་ཁག་ཚོགས་ཆུང་ནི་གཏན་འཇགས་སུ་གནས་སྡོད་བྱ་སྲིད་པའི་རྟགས་མཚན་མངོན་བཞིན་ཡོད་ཟེར།།

དེ་ཡང་ཕྱི་ལོ་༢༠༠༨་ལོར་བོད་ཆོལ་ཁ་གསུམ་དུ་ཞི་རྒོལ་ཆེན་མོ་བྱུང་རྗེས། རྒྱ་ནག་དབུས་གཞུང་གིས་ཕྱི་ལོ་༢༠༡༡་ལོར་ལས་བྱེད་༢༡༠༠༠་ལྷག་གྲོང་ཚོ་༥༠༠༠་ཙམ་གྱི་ནང་བཀོད་སྒྲིག་བྱས་ཏེ། བརྟན་ལྷིང་དང་ཏང་ལ་དགའ་ཞེན་བྱེད་པ་བཅས་འོས་འགན་ལྔ་འཁུར་ནས་ལས་འགུལ་སྤེལ་བཞིན་པ་རེད། ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ས་གནས་བོད་མི་རྣམས་ཀྱིས་ལས་དོན་དེ་རིགས་ལ་དགའ་བོ་མི་བྱེད་ལ། བརྟན་ལྷིང་མ་ཡིན་པའི་རྒྱུ་རྐྱེན་བཟོ་བཞིན་པ་རེད་ཟེར།།

XS
SM
MD
LG