ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༦/༡༨

ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ།


ཐེ་ཝན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་ལྕམ་ཚཱའེ་ ཨིང་ཝན་ འོས་འདེམས་ཀྱི་དྲིལ་བསྒྲིགས་ལས་འགུལ་སྤེལ་རྒྱུའི་ཆེད་དུ་ ལྷོ་ཕྱོགས་ཏཱེའེ་ནཱན་གྲོང་ཁྱེར་གྱི་ཨྷན་པིང་རྫོང་གི་ནང་ རེས་གཟའ་ཉི་མའི་སྔ་དྲོ་ཕེབས་འབྱོར་གནང་ཡོད་སྟབས་ དེ་གར་ས་གནས་ཀྱི་མང་ཚོགས་དང་ ཕྱི་རྒྱལ་གྱི་གསར་འགོད་པ་སོགས་ མི་ཚོགས་ཧ་ཅང་ཆེན་པོ་ རྫོང་དེའི་དགོན་པ་ཞིག་ཏུ་འདུ་འཛོམས་བྱས་ཡོད་པ་རེད་ དམངས་གཙོ་ཡར་ཐོན་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མི་ལྕམ་ཚཱའེ་ ཨིང་ཝན་གྱིས་ ཐེ་ཝན་གྱི་ས་ཕྱོགས་གང་སར་ དུས་ཡུན་གཟའ་འཁོར་གཅིག་གི་རིང་ འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ནས་ ཐོག་མར་ཀཱའོ་ཤུང་ལ་ཕེབས་ཡོད་པ་དང་ དེ་རྗེས་ཏཱེའེ་ནཱན་གྲོང་ཁྱེར་དུ་ཕེབས་པ་ཞིག་ཡིན་ཞིང་ དེ་གར་ རེས་གཟའ་ཉི་མའི་ཉིན་ འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་འགོ་མ་ཚུགས་གོང་སྔོན་ལ་ གྲོང་ཁྱེར་དེའི་ནང་ཡོད་པའི་དགོན་པ་ཞིག་ལ་ཆོས་མཇལ་ལ་ཕེབས་ཡོད་པ་དང་ ཁོང་ནི་ ཐེ་ཝན་གྱི་སྲིད་འཛིན་རྗེས་མ་དེར་འགྱུར་རྒྱུའི་རེ་བ་ཆེན་པོ་ཡོད་པ་ཞིག་ལ་མི་མང་པོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG