དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ཚེས་བདུན་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཱན་དིའི་ཞི་བདེའི་ཐེབས་རྩ་ཁང་དུ་ཨཱ་ཅཱརྱ་ཀིར་པ་ལཱ་ནི་མཆོག་ལ་རྗེས་དྲན་གྱི་མཛད་སྒོར་མཉམ་ཞུགས་དང་གསུང་བཤད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རང་ཉིད་ལ་གཱན་དིའི་ཞི་བདེའི་ཐེབས་རྩ་ཁང་དུ་ཐེངས་དང་པོར་བཅར་རྒྱུའི་གོ་སྐབས་ཐོབ་ནས་ཞི་བདེའི་ཐེབས་རྩ་འདི་ལྟ་བུ་དང་ལྷན་འབྲེལ་ལམ་འཛུགས་ཐུབ་བྱུང་བར་དགའ་སྤོབས་ཆེན་པོ་སྐྱེས་ཞེས་གསུངས་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་ཡོད།།