ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་དང་པ་ཀི་སེ་ཏན་གྱིས་འཆར་གཞི་ལྟར་ཟླ་བ་འདིའི་ནང་གྲོས་མོལ་དགོས་ཞེས་རྒྱ་ནག་གིས་བརྗོད།


ཉེ་ཆར་ རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་པྷན་ཇྷབ་གྱི་གྲོང་ཁྱེར་པཱ་ཊན་ཀོཊ་ལ་ཡོད་པའི་མཁའ་དམག་གི་རྟེན་གཞི་ཞིག་ལ་ ངོ་ཐག་མི་ཆོད་པའི་དྲག་སྤྱོད་པ་ཚོ་ཁག་ཅིག་གིས་དྲག་རྒོལ་བྱས་ཏེ་ གཞུང་གི་དམག་མི་བདུན་བསད་པའི་གནས་ཚུལ་བྱུང་ཡོད་པ་དེ་ནི་ པ་ཀི་སེ་ཏན་གྱི་ནང་རྟེན་གཞི་བྱེད་པའི་འཇིགས་བསྐུལ་རུ་ཚོགས་ཤིག་གིས་ངན་གཤོམས་བྱས་པ་ཡིན་ལུགས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་བཞིན་པའི་སྐབས་འདིར་ རྒྱ་ནག་གཞུང་གིས་ རྒོལ་བརྡུང་དེ་ནི་ པ་ཀི་སེ་ཏན་དང་ རྒྱ་གར་གྱི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པ་དེར་འགོག་རྐྱེན་བཟོ་རྒྱུར་དམིགས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཏེ་ རྒྱ་གར་དང་པ་ཀི་སེ་ཏན་གྱིས་ད་རེས་ཀྱི་དོན་རྐྱེན་དེའི་ཐོག་ནས་རང་གི་འབྲེལ་བ་ལ་གནོད་སྐྱོན་མི་འབྱུང་བ་ཞིག་བྱེད་གལ་ཆེན་པོ་ཡིན་ཞེས་བརྗོད་ཡོད་པ་རེད།

XS
SM
MD
LG