ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སོ་ཌི་ཨ་རེ་བི་ཡས་ཨི་རན་ལ་ཕྱི་འབྲེལ་བཅད་པ།


དེ་རིང་ཕྱི་ཟླ་དང་པོའི་ཚེས་༤་ཉིན་སོ་ཌི་ཨ་རེ་བི་ཡས་ཨི་རན་ལ་ཕྱི་འབྲེལ་བཅད་དེ། དུས་ཡུན་ཆུ་༤༨་ཀྱི་ནང་ཚུད་དུ་ཨི་རན་དང་ཨོ་སི་ཌི་ཨ་རེ་བི་གཞུང་ཚབ་པ་སོགས་ཕར་ཚུར་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པ་དང་། ཨི་རན་གཞུང་གིས་སོ་ཌི་ཨ་རེ་བི་ཡས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་བཅད་ནས་དཀྱིལ་ཤར་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཆེ་རུ་གཏོང་གི་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་ཅིང་། གཟའ་མཇུག་དེར་སོ་ཌི་ཨ་རེ་བི་ཡའི་གཞུང་གིས་ཤཱི་ཡ་ཆོས་རྒྱུད་ཀྱི་ཆོས་དཔོན་ཎི་མར་ཨལ་ཎི་མར་ཞེས་པ་ཞིག་ལ་སྲོག་ཁྲིམས་བཅད་ནས་བསད་ཡོད་པས། ཨི་རན་དང་བྷ་རན། ཨི་རཀ་སོགས་ཤཱི་ཡ་ཆོས་རྒྱུད་ཀྱི་རྗེས་འབྲང་བ་མང་སའི་རྒྱལ་ཁབ་ཁག་ཏུ་སོ་ཌི་ཨ་རེ་བི་ཡར་ངོ་རྒོལ་དྲག་པོ་བྱས་པ་དང་། གཟའ་སྤེན་པའི་ཉིན་ཨི་རན་གྱི་མི་ཚོགས་ཤིག་རྒྱལ་ས་ཐེ་རན་དུ་བཅའ་སྡོད་སོ་ཌི་ཨ་རེ་བི་ཡའི་གཞུང་ཚབ་ཁང་གི་སྒོ་ཁར་བརྒྱུགས་ཏེ། ཁོ་ཚོས་སོ་ཌི་ཨ་རེ་བི་ཡའི་གཞུང་ཚབ་ཁང་མེར་སྲེག་བཏང་ནས་གཏོར་བཅོམ་བྱས་པ་དང་། སོ་ཌི་ཨ་རེ་བི་ཡས་རང་གི་གཞུང་ཚབ་ཁང་དང་གཞུང་ཚབ་པ་སོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཨི་རན་དུ་བཅའ་སྡོད་སོ་ཌི་ཨ་རེ་བི་ཡའི་གཞུང་ཚབ་ཁང་སྒོ་བརྒྱབ་པ་ཡིན་ཞེས་འགྲེལ་བཤད་བརྒྱབ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG