ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱི་ཕྱི་ལོ་གསར་པའི་གཏམ་བཤད།


༢༠༡༡་ལོར་ཀིམ་ཇུང་ཨུན་བྱང་ཀོ་རི་ཡ་དམར་ཤོག་རྒྱལ་ཁབ་ཀྱི་ཆེས་མཐོ་འགོ་ཁྲིད་ལ་གྱུར་པ་དང་། དེ་ནས་བཟུང་སྟེ་ཀིམ་ཇུང་ཨུན་གྱིས་ལོ་ལྟར་ཕྱི་ལོ་གསར་པའི་གཏམ་བཤད་བྱ་རྒྱུ་འགོ་བཙུགས་ཏེ། ༢༠༡༦་གི་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་ཀིམ་ཇུང་ཨུན་གྱིས་འདས་པའི་ལོ་དེར་ལྷོ་བྱང་ཀོ་རི་ཡ་གཉིས་ལ་ཛ་དྲག་དང་འཐེན་རྩོད་ཆེན་པོ་བྱུང་ཡོད། ལྷོ་བྱང་ཀོ་རི་ཡ་གཉིས་ཕན་ཚུན་ཡིད་ཆེས་མེད་པའི་འགག་རྩ་ལྷོ་ཀོ་རི་ཡར་ཐུག་ཡོད་པ་ཅེས་སྐྱོན་བརྗོད་བྱས་ཡོད་ཅིང་། ཀིམ་ཇུང་ཨུན་གྱིས་དུས་ཡུན་སྐར་མ་༣༠་ཐམ་པར་གཏམ་བཤད་བྱས་པའི་ནང་དོན་གཙོ་བོ་ཞིག་ལྷོ་ཀོ་རི་ཡས་རང་ངོས་ནས་གཅིག་གྱུར་གྱི་སྲིད་ཇུས་ཤིག་བཟུང་སྟེ། ཁོ་ཚོས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ཛ་དྲག་ཆེ་རུ་བཏང་བ་དང་། སྔ་ལོ་ལྷོ་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཁག་ཅིག་ཐུག་འཕྲད་བྱས་ཡོད། ང་ཚོས་ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོའི་ཐུག་འཕྲད་གྲོས་མོལ་རྒྱུན་འཁྱོངས་བྱ་དགོས་པ་ལས། ང་ཚོ་མདུན་སྐྱོད་ཀྱི་ལམ་ནས་ཕྱིར་ལོག་རྒྱག་མི་རུང་། ལྷོ་བྱང་ཀོ་རི་ཡ་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་རྒྱུ་དེར་ང་ཚོས་གྲོས་མོལ་གྱི་སྒོ་མོ་ཡངས་པོར་ཕྱེ་ཡོད་ཅེས་བཤད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG