ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཅིག་འདས་གྲོངས།


གཟའ་འཁོར་འདིར་ལོ་ན་༧༣་ལ་སོན་པའི་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གྲས་དང་། ད་ལྟའི་བྱང་ཀོ་རི་ཡའི་ཆེས་མཐོ་འགོ་ཁྲིད་ཀིམ་འཇུང་ཨུན་གྱི་བློས་ཐུབ་འཐབ་གྲོགས་ཀིམ་དབྱང་གོན་རླངས་འཁོར་རྡུང་ག་བརྒྱབ་ནས་འདས་གྲངས་སུ་གྱུར་པ་རེད་ཅེས་བྱང་ཀོ་རི་ཡའི་གཞུང་གིས་ཁྱབ་བསྒྲགས་བྱས་ཀྱང་། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་སོགས་ཀྱིས་ཀིམ་དབྱང་གོན་བྱང་ཀོ་རི་ཡའི་དམར་ཤོག་གསར་བརྗེའི་འགོ་ཁྲིད་གཙོ་གྲས་ཤིག་ཡིན་པ་དང་། ཀིམ་འཇུང་ཨུན་གྱིས་རང་གི་སྲིད་དབང་ལ་ཉེན་ཀ་ཡོད་པའི་མི་རྣམས་རྩ་མེད་གཏོང་གི་ཡོད་པ་ལྟར་ཀིམ་དབྱང་གོན་ཡང་བྱང་ཀོ་རི་ཡའི་གཞུང་གིས་ལྐོག་གསོད་བྱས་པ་ཞིག་ཡིན་སྲིད་པའི་ཉེན་ཀ་ཡོད་ཅིང་། དེའི་རྒྱུ་མཚན་ནི་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་ཡུང་གྲོང་ཁྱེར་དུ་རླངས་འཁོར་རྡུང་ག་རྒྱག་དགོས་པའི་འཚང་ཀ་གཅིག་ཀྱང་མེད་པ་དང་། བྱང་ཀོ་རི་ཡའི་གཞུང་གིས་ཀིམ་དབྱང་གོན་གྱི་རླངས་འཁོར་རྡུང་ག་ཇི་ལྟར་བརྒྱབ་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲགས་བྱས་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG