ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་རག་གི་གཞུང་དམག་གིས་གལ་ཆེའི་གྲོང་ཁྱེར་ཞིག་ལེན་ཐུབ་ཡོད་པ།


ཨི་རག་གི་གཞུང་དམག་གིས་རེས་གཟའ་མིག་དམར་ཉིན་གྲོང་ཁྱེར་ར་མ་ཌིའི་ནང་ཨའི་སིས་ཟེར་བའི་ཁ་ཆེའི་རྒྱལ་འཛུགས་དྲག་སྤྱོད་པའི་ཤུལ་ལྷག་རྣམས་མེད་པར་བཟོ་རྒྱུའི་ལས་དོན་བྱེད་བཞིན་ཡོད་འདུག་པ་དང་། དེ་ནི་ཁ་ཆེའི་རྒྱལ་འཛུགས་དྲག་སྤྱོད་པས་གྲོང་ཁྱེར་དེ་གནས་སྐབས་དབང་བསྒྱུར་བྱས་པའི་རྗེས་གཞུང་དམག་གིས་ཕར་རྒོལ་ཤུགས་བྱས་ཏེ་སླར་ཡང་གཞུང་དམག་དབང་འོག་ཏུ་ལེན་ཐུབ་པ་བྱུང་ཡོད་པ་རེད། ཕྱི་ཟླ་ལྔ་པའི་ནང་གྲོང་ཁྱེར་ར་མ་ཌི་ཨའི་སིས་ཟེར་བའི་ཁ་ཆེའི་རྒྱལ་འཛུགས་དྲག་སྤྱོད་པའི་ལག་ཏུ་ཤོར་བ་དེ་ནི་ཨི་རག་གི་སྲིད་བློན་ཧའི་ཌར་ ཨལ་ཨ་བྷ་ཌི་སྲིད་གཞུང་གིས་ཁ་ཆེ་དྲག་སྤྱོད་པར་ཕར་རྒོལ་གྱི་ལས་འགུལ་ཤུགས་ཆེ་བྱེད་བཞིན་པ་དེར་ཕམ་ཉེས་ཆེན་པོ་ཞིག་བྱུང་ཡོད་པ་རེད། འོན་ཀྱང་རེས་གཟའ་ཟླ་བའི་ཉིན་ཨི་རག་གི་གཞུང་དམག་གིས་ཕར་རྒོལ་ཤུགས་ཆེར་བྱས་ཏེག་གྲོང་ཁྱེར་དེ་བསྐྱར་དུ་ཚུར་ལེན་ཐུབ་པ་བྱུང་འདུག་པ་དང་། གནས་ཚུལ་དེ་བྱུང་མ་ཐག་ཨི་རག་གི་སྲིད་བློན་ཨ་བྷ་ཌིས་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་གཏམ་བཤད་གནང་བའི་ནང་ ༢༠༡༦ ལོར་ཨའི་སིས་ཟེར་བའི་ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་ཀྱི་འཇབ་རྒོལ་བ་ཡོངས་སུ་ཨི་རག་ནས་མཐར་བསྐྲོོད་གཏོང་གི་ཡིན་ཞེས་གསལ་བསྒྲགས་གནང་བ་དང་ཆབས་ཅིག གཞུང་དམག་གི་དམིགས་ཚད་གཉིས་པ་ནི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་མོ་སུལ་ལེན་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG