རེས་གཟའ་ཉིན་མའི་ཉིན་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་ ཕྷི་ལི་པིན་གྱི་སྟངས་འཛིན་འོག་ཡོད་པའི་གླེང་ཕྲན་པ་ག་ས་ལ་ ཡུལ་དེའི་གཞོན་ནུ་༥༠་ཙམ་བསྐྱོད་དེ་ རྒྱ་ནག་གིས་གླེང་ཕྲན་མང་ཆེ་བར་བདག་དབང་ཡོད་པའི་རྩོད་གླེང་བྱེད་ཀྱི་ཡོད་པ་དེར་ ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་ དེ་བཞིན་གཞོན་ནུ་ངོ་རྒོལ་བྱེད་མཁན་ཚོས་ཕྷི་ལི་པན་གཞུང་ལ་ གླེང་ཕྲན་གྱི་བདག་དབང་་རྩོད་གླེང་གི་་ཐད་མི་མང་ལ་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་ཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་་དང་སྙན་སྒྲོན་ཞུས་གནང་གི་རེད།