བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་གར་ལྷོ་ཕྱོགས་བྷེ་ལཱ་ཀོ་པིར་རྟེན་གཞི་བྱེད་པའི་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོར་ འཛམ་གླིང་གི་ཕྱོགས་མཐའ་གང་ས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཚོ་མང་པོར་ལམ་རིམ་གྱི་ཁྲི་ཆེན་ཁག་གི་གསུང་ཆོས་བཀྲིན་ཆེ་གནང་མཛད་བཞིན་ཡོད་པ་དང་ དེ་ནས་རིམ་པས་ལྷག་མཐོང་ཆེ་མོའི་བཤད་ལུང་དང་ སེམས་སྐྱེད་བཅས་བཀྲིན་ཆེ་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་མཛད་ཡོད་པ་རེད།