ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ནང་བཞུགས་ནས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི།


ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་ལྕམ་མེ་ཤེར་ཨོ་བྷ་མ་རྣམ་གཉིས་ནས་ཨ་རིའི་མི་མང་ཡོངས་ལ་ཡེ་ཤུའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་བཤད་ཞིག་ཡེ་ཤུའི་འཁྲུངས་སྐར་གྱི་ཞོགས་པ་རྒྱང་སྲིང་གནང་ཡོད་པ་དང་ གསུང་བཤད་ནང་སྟོན་པ་ཡེ་ཤུའི་བཀའ་དྲིན་རྗེས་དྲན་གྱིས་མི་ཚང་མས་ཕན་ཚུན་བྱམས་དང་སྙིང་རྗེའི་བསམ་བློ་འཁྱེར་རྒྱུ་གལ་ཆེ་ཡིན་པ་དང་ ནང་མི་མཉམ་འཛོམས་ཀྱི་དུས་ཆེན་ཁྱད་པར་ཅན་དེ་ཚོའི་སྐབས་སུ་ ཨ་རིའི་མི་མང་གི་བདེ་འཇགས་སྲུང་སྐྱོབ་བྱ་བཞིན་པའི་དམག་མི་དང་དམག་མིའི་ནང་མི་དང་དམག་ཞབས་ཟུར་པ་བཅས་ལ་བཀའ་དྲིན་རྗེས་དྲན་བྱེད་རྒྱུ་གལ་ཆེ་ཡིན་པའི་གསུང་ཡོད་པ་རེད།

XS
SM
MD
LG