ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༠༨

༧གོང་ས་མཆོག་གིས་ཅེ་ནའི་དང་བལ་ཡུལ་གྱི་དཀའ་ངལ་ལ་རོགས་རམ་དགོས་པ་བཀའ་བརྩལ་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་ལམ་རིམ་གསུང་ཆོས་ཀྱི་ཞོར་དུ་བལ་ཡུལ་དང་རྒྱ་གར་གྱི་ཅེ་ནར་ས་ཁུལ་དུ་རང་བྱུང་གི་གནོད་འཚེའི་དཀའ་ངལ་འཕྲད་བཞིན་པ་ཚོ་ལ་ཐུགས་སྨོན་མཛད་པ་ཡོད་རེད་བལ་ཡུལ་ནང་ཉེ་དུས་ས་ཡོམ་དང་ཕྱིས་སུ་ཆབ་སྲིད་ཀྱི་གནས་ཚུལ་གྱི་རྐྱེན་པས་སྣུམ་མེད་པ་དང་སྨན་དང་སྨན་ཁབ་སོགས་ཀྱང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བརྟེན་གསུང་ཆོས་སུ་བཅར་བའི་བལ་ཡུལ་གྱི་ཡུལ་མི་ལ་དམིགས་གསལ་བཀའ་སློབ་བརྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་ཉིད་ཀྱིས་དཀའ་ངལ་ཁག་ནི་སྔོན་བསགས་ལས་དང་རང་བྱུང་གི་རྐྱེན་ངན་ཞིག་ཡིན་པ་བཀའ་བརྩལ་བ་དང་ཚང་མས་ཅེ་ནའི་དང་བལ་ཡུལ་ལ་རོགས་རམ་བྱེད་དགོས་པའི་འབོད་སྐུལ་མཛད་ཡོད་པ་རེད།

XS
SM
MD
LG