ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ཕྱི་སྲིད་ཁང་གི་ནང་ནང་ཁུལ་འགལ་ཟླ་ཡོང་གི་ཡོད་པ།


ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་གནད་དོན་ཐད་ ཕྷི་ལི་པིན་གྱིས་རྒྱ་ནག་རྒྱལ་སྤྱིའི་ཁྲིམས་ལ་སྦྱར་ཡོད་པས་ དེ་ལ་རྒྱ་ནག་གཞུང་གི་ཕྱོགས་ནས་ཡ་ལན་སྤྲོད་དགོས་དང་མི་དགོས་དང་ གལ་ཏེ་སྤྲད་པ་ཡིན་ན་གང་འདྲ་བྱས་ཏེ་སྤྲོད་དགོས་པ་བཅས་ཀྱི་ཐད་ རྒྱ་ནག་གི་ཕྱི་སྲིད་ཁང་གི་ནང་བགྲོ་གླེང་རྣོ་ངར་ཆེན་པོ་བྱུང་ཡོད་པ་རེད་ ཕྷི་ལི་པིན་གྱིས་ཞུ་གཏུགས་བྱས་པའི་གྱོད་གཞི་དེའི་ཐད་ནེ་དྷར་ལེནྚ་ཡི་གྲོང་ཁྱེར་ཧེག་ཏུ་ཡོད་པའི་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ཁང་གིས་ གསན་ཞིབ་གནང་འགོ་ཚུགས་ཏེ་ དུས་སང་ལོར་ཁྲིམས་ཞིབ་མཇུག་འགྲིལ་རྒྱུའི་འཆར་གཞི་ཡོད་པ་དང་ རྒྱ་ནག་གིས་ རྒྱལ་སྤྱིའི་ཁྲིམས་ཁང་དེ་ལ་མཚོ་ཁུལ་གྱི་བདག་དབང་དང་འབྲེལ་བའི་རྩོད་གླེང་དེ་ཐག་གཅོད་བྱ་རྒྱའི་འགན་དབང་ཡོད་པར་ངོས་འཛིན་བྱེད་ཀྱི་མེད་ཅེས་བརྗོད་དེ་ ཁྲིམས་ཞིབ་ཀྱི་བརྒྱུད་རིམ་ནང་ཞུགས་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད་ རྩ་བའི་ཐག་གཅོད་དེ་ནི་ བདག་དབང་དང་འབྲེལ་བའི་རྩོད་གླེང་དེ་རིགས་ ཁྲིམས་ཁང་དང་ རྒྱལ་སྤྱིའི་ཚོགས་སྡེ་ཁག་བཅས་བརྒྱུད་ནས་མ་ཡིན་པར་ འབྲེལ་ཡོད་རྒྱལ་ཁབ་སོ་སོ་དང་གྲོས་མོལ་བྱས་ཏེ་སེལ་ཐབས་བྱ་རྒྱུ་ཡིན་ལུགས་ རྒྱུན་དུ་རྒྱ་ནག་གཞུང་རང་གིས་རྗོད་ཀྱི་ཡོད་པའི་ལང་ཕྱོགས་དེ་དང་མཐུན་པ་ཞིག་ཡིན་ཀྱང་ ཁྲིམས་ཞིབ་ཀྱི་བརྒྱུད་རིམ་ནང་ཞུགས་རྒྱུ་མིན་པའི་ཐག་གཅོད་བྱས་པ་དེ་ཡིས་ ཁྲིམས་སར་ཕྷི་ལི་པིན་གྱི་ཕྱོགས་ནས་རྩོད་གླེང་ག་རེ་བྱས་པ་ཡིན་རུང་ དེ་ལ་རྒྱ་ནག་གི་ཕྱོགས་ནས་དགག་ལན་རྒྱག་རྒྱུའི་གོ་སྐབས་གཏན་ནས་མེད་པ་ཆགས་པ་ཞིག་ཀྱང་ཡིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG