ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུར་ཐེ་ཚོམ་འཛིན་དགོས།


རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཅི་ཙམ་ཡར་རྒྱས་སོང་ཚེ། ཐེ་ཝན་མཚོ་གླིང་གི་བདེ་འཇགས་ལ་དེ་ཙམ་གྱིས་ཉེན་ཀ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཨ་མི་རི་ཀར་ཐེ་ཝན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད་ཀྱང་། རྒྱ་ནག་གིས་གློ་བུར་དུ་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་མི་སྲིད་པ་ཞིག་མིན་པ་དང་། དེར་བརྟེན་ཐེ་ཝན་ལ་ཨ་མི་རི་ཀའི་དམག་དཔུང་མ་སླེབས་བར་དུ་རང་སྲུང་གི་མཚོན་ཆ་དང་དམག་གི་སྟོབས་ཤུགས་ལྡན་དགོས་ངེས་ཤིག་ཡིན། དེར་བརྟེན་ཐེ་ཝན་གཞུང་གིས་རྒྱ་ནག་གི་བཙན་འཛུལ་འགོག་པར་ཨ་མི་རི་ཀ་ནས་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་མཚོ་འོག་དམག་གྲུ། ཆེས་ཡར་ཐོན་གྱི་དམག་དོན་འཕྲུལ་རིག་ལག་རྩལ་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་དང་། བདུན་ཕྲག་འདིར་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༨་ལྷག་གི་རིན་འབབ་ཀྱི་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱས་པར་སྲིད་འཛིན་མ་དབྱིན་ཇུཀ་དང་ཐེ་ཝན་གྱི་སྲིད་ལྷ་ཁང་། ཐེ་ཝན་གྱི་ཁ་གཏད་ཚོགས་པ་མིན་ཅིན་ཏང་འགོ་ཁྲིད་ཚོས་ཀྱང་དགའ་བསུ་ཞུས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG