ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སེམས་དང་སྲོག་གོ་བགྲོ་གླེང་ཐེངས་༣༠་པ་མཇུག་བསྒྲིལ།


རྒྱ་གར་ལྷོ་ཕྱོགས་ཀྱི་སེ་ར་ཐེག་ཆེན་དུ་ཚོགས་པའི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་༣༠་པ་དེ་མཇུག་བསྒྲིལ་ཡོད་པ་དང་། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་གཞུང་ཆེན་སློབ་གཉེར་བྱེད་པའི་ཞོར་དུ་གྲྭ་བཙུན་ཚོས་དཀའ་ངལ་ལ་གདོང་ལེན་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་ཏུ་ཚན་རིག་སློབ་གཉེར་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་ཞིང་། ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་ལ་ཕེབས་པའི་ཚོགས་ཞུགས་པ་རྣམས་ཀྱིས་རང་གི་ས་གནས་སོ་སོར་གཞན་ཕན་དང་འགྲོ་བ་མི་ལ་ཕན་པ་བསྒྲུབ་པའི་འབད་བརྩོན་གནང་དགོས་ཞེས་བཀའ་སློབ་གནང་ཡོད་པའི་སྐོར། ང་ཚོའི་གསར་འགོད་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG