ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་རྣམས་ཀྱི་བགྲོ་གླེང་།


ཨ་མི་རི་ཀའི་ནང་ཁེ་ས་རེས་གཟའ་མིག་དམར་དགོང་དྲོ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་ནང་ནས་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་ འོས་མི་རྣམས་ཀྱི་གནང་བའི་བགྲོ་གླེང་ཐེངས་ལྔ་པ་དེའི་བརྗོད་གཞི་གཙོ་བོའི་གྲས་སུ་རྒྱལ་ཡོངས་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་ཐད་གླེང་སློང་ཤུགས་ཆེ་ བྱས་ཡོད་འདུག ཉེ་དུས་འཇིགས་སྐུལ་དྲག་སྤྱོད་པ་ཚོས་་ཕྱི་ནང་གཉིས་ཀར་གཏོར་རྒོལ་བཏང་བར་བརྟེན་ད་ཆ་ཨ་རིའི་མི་མང་གིས་བློ་དོགས་བྱེད་ཀྱི་ཡོད་པ་ནང་ལྟར་མ་འོངས་པར་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་གཉེར་ཕྱོགས་ཐད་་དོ་སྣང་ཆེ་བ་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG