ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུར་རྒྱལ་ཁབ་སོ་སོར་རག་ལུས་ཡོད་པ།


གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུའི་ཐད་ རྒྱལ་ཁབ་༡༩༠ལྷག་གིས་ ཕྷ་རན་སེའི་རྒྱལ་ས་པེ་རི་སེའི་ནང་ ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་སྤྱིའི་གྲོས་མཐུན་ཞིག་བཞག་ཡོད་པ་དེ་ནི་ དེང་སྐབས་འཛམ་གླིང་སྤྱི་ལ་འཕྲད་བཞིན་པའི་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བའི་དཀའ་ངལ་གྱི་གནད་དོན་དེ་སེལ་རྒྱུའི་རྒྱལ་སྤྱིའི་ཐབས་ལམ་གསར་པ་ཞིག་ཡིན་ཞིང་ གང་ལགས་ཞེ་ན་ གྲོས་མཐུན་དེ་ནི་ བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཅིག་པུས་ མཁའ་རླུང་འབག་གཙོག་བཟོ་གཞིའི་རྫས་ལྷང་གི་རིགས་ཉུང་འཕྲི་བྱ་རྒྱུར་མོས་མཐུན་བྱས་པ་ཞིག་མ་ཡིན་པར་ ད་རེས་ཀྱི་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཚང་མས་མོས་མཐུན་བྱས་པ་ཞིག་ཡིན་པ་དེ་ནི་ ད་ཕན་བྱུང་མྱོང་མེད་པ་ཞིག་ཡིན་པ་རེད།

XS
SM
MD
LG