རྒྱ་ནག་ནང་གི་ཕྷུ་ཤིང་སྒེར་གྱི་ཁེ་ལས་ཁང་གསར་འཛུགས་བྱེད་མཁན་དང་ཁེ་ལས་ཁང་དེའི་སྤྱི་ཁྱབ་འགན་འཛིན་ཡིན་པ་ཀོའུ་གོང་ཁྲང་གློ་བུར་དུ་གང་སོང་མེད་པར་འགྱུར་ཡོད་པ་དང་ རྒྱ་ནག་གི་ཉེན་རྟོག་པས་འཁྲིད་ཡོད་པའི་གནས་ཚུལ་འཐོན་བཞིན་ཡོད་པ་རེད་ དབྱེ་ཞིབ་པས་ ཨ་སྒོར་ཐེར་འབུམ་མང་པོའི་འབྱོར་བ་ལྡན་པ་དང་ཧོང་ཀོང་གི་མ་རྐང་ཁྲོམ་རའི་ཉོ་འཚོང་གི་ཐོག་ལ་འཚོང་པ་ཆེ་གྲས་ཡིན་པའི་ཁེ་ལས་ཁང་དེའི་སྤྱི་ཁྱབ་དེ་གློ་བུར་གང་སོང་མེད་པར་འགྱུར་བ་དེ་ནི་རྒྱ་ནག་གཞུང་གི་ལྐོག་ཟ་རུལ་སུངས་ལ་ཁ་གཏད་ཀྱི་ལས་འགུལ་ཁག་དེང་སྐབས་དཔལ་འབྱོར་ཁྱབ་ཁོངས་ཁག་གི་འགོ་ཁྲིད་འབྱོར་ལྡན་པ་གནས་ཡོད་མི་སྣ་ཚོར་བྱེད་བཞིན་པ་དང་འབྲེལ་བ་ཡོད་རེད་ཅེས་གསུང་གི་ཡོད་པ་རེད།