ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྱང་ཀོ་རི་ཡར་ཡང་རླུང་མཚོན་ཆ་ཡོད་ཟེར།


ཕྱི་ཟླ་༡༢་ཚེས་༡༠་ཉིན་ཀིམ་འཇུང་ཨུན་གྱིས་བྱང་ཀོ་རི་ཡར་ཡང་རླུང་མཚོན་ཆ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། ཕྱི་ཟླ་༡༢་ཚེས་༡༠་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་པས། ཉམས་ཞིབ་པ་ཚོས་ཀིམ་འཇུང་ཨུན་གྱིས་བྱང་ཀོ་རི་ཡར་ཡང་རླུང་མཚོན་ཆ་ཡོད་ཅེས་ཁྱབ་བསྒྲགས་བྱས་པའི་དུས་ཚོད་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་གཉིས་སྟབས་ཁེལ་བ་ཞིག་མིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཏེ། བྱང་ཀོ་རི་ཡའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་དགག་པ་རྒྱག་པར་ཡང་རླུང་འབར་མདེལ་ཡོད་ཅེས་སྡིགས་ར་བསྐུལ་པ་ཞིག་ཡིན་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG