ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་དུ་གསུང་ཆོས་དབུ་འཛུགས་མཛད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་༸ཞབས་ སོར་བདེ་བར་འཁོད་ནས་ཉིན་གྲངས་ལྔའི་རིང་དད་ལྡན་མང་ཚོགས་རྣམས་ལ་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ་ཡིན་པ་བཞིན་ཕྱི་ཚེས་དགུའི་ཉིན་རྒྱབ་ནས་གསུང་ཆོས་དངོས་གཞི་དབུ་འཛུགས་མཛད་ཡོད་པ་རེད་ ཐེངས་འདིར་གསང་ཆེན་སྨད་རྒྱུད་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་པའི་གསུང་ཆོས་ལ་ས་གནས་འདྲ་མིན་ཁག་ནས་དད་ལྡན་པ་སྟོང་ཕྲག་བཅོ་ལྔ་ཙམ་ཞིག་ཕེབས་ཡོད་པ་སོགས་ཀྱི་སྐོར་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གསུང་ཆོས་གནང་ཡུལ་རྒྱ་གར་ལྷོ་ཕྱོགས་ཧོན་སུར་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG