ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནང་སོག་གི་སོག་པོས་རྒྱ་ནག་གི་བསྔོག་བཤེར་ཁང་ལ་གཏོར་རྒོལ།


ཉེ་ཆར་ནང་སོག་གི་ས་ཁུལ་ཞིག་ཏུ་ངོ་ཐག་མི་ཆོད་པའི་མི་བརྒྱ་སྐོར་ཞིག་གིས་ས་གནས་བསྔོག་བཤེར་ལས་ཁུངས་ལ་གཏོར་གཤིག་དང་ལས་བྱེད་པར་ཉེས་བརྡུང་བཏང་བ་སོགས་ཀྱི་གནས་ཚུལ་ཞིག་བྱུང་ཡོད་པ་དེ་ནི་ཞིང་ཆེན་དབར་གྱི་ས་མཚམས་རྩོད་གཞིའི་རྐྱེན་གྱིས་ཡིན་པ་རྒྱ་ནག་གཞུང་གཉེར་གསར་འགྱུར་ཁང་གིས་གིས་གནས་ཚུལ་སྤེལ་ཡོད་པ་རེད་ ཡིན་ནའང་ལྷོ་སོག་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་གིས་ནང་སོག་ཏུ་འབོད་པའི་ལྷོ་སོག་ཡུལ་གྱི་སོག་པོ་ཚོས་རྒྱ་མི་གཞི་ཆགས་པ་ཚོའི་ས་ཆའི་བདག་དབང་འཕྲོག་པ་སོགས་ཀྱི་གནས་ཚུལ་ལ་མི་དགའ་བར་མི་རིགས་གཉིས་ཀྱི་འབྲེལ་བ་ཛ་དྲག་གི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་ཅེས་བརྗོད་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG