ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཨོསི་ཊོ་ལི་ཡའི་གཞུང་གི་དྲ་རྒྱར་རྒྱ་ནག་གིས་ལྐོག་འཛུལ་བྱས་ཏེ་གནས་ཚུལ་རྐུ་ཐབས་བྱས་ཡོད་པ།


ཨོ་སི་ཊོ་ལི་ཡའི་དབུས་གནམ་གཤིས་ལྟེ་གནས་ཁང་གི་དྲ་རྒྱར་རྒྱ་ནག་གིས་གཏོར་སྐྱོན་ཤུགས་ཆེ་བཏང་སྟེ་ཧ་ཅང་གསང་རྒྱ་བསྡམས་པའི་རྒྱལ་ནང་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་རྐུ་འཁྱེར་བྱས་ཡོད་སྲིད་པའི་གནས་ཚུལ་ཞིག་ཐོན་ཡོད་ཅིང་། གནམ་གཤིས་ལྟེ་གནས་ཁང་ནང་ཨོ་སི་ཊོ་ལི་ཡ་དབུས་གཞུང་གི་ལྷན་ཁང་མང་པོ་ཞིག་གི་ཧ་ཅང་གཙོ་གནད་ཆེ་བའི་གནས་ཚུལ་མང་པོ་ཞིག་ཉར་ཚགས་བྱེད་བཞིན་ཡོད་པ་དང་འབྲེལ། ལྷན་ཁང་འདིའི་ནང་ཨོ་སི་ཊོ་ལི་ཡ་གཞུང་གི་ཆེས་ཐོན་གསར་དང་དེང་དུས་ཅན་གྱི་ཀམ་པུ་ཏར་ཧ་ཅང་མང་པོ་ཡོད་པའི་གནས་ཚུལ་ཐོན་འདུག ཨོ་སི་ཊོ་ལི་ཡ་དབུས་གཞུང་གི་འབྲེལ་ཡོད་དཔོན་རིགས་མང་པོ་ཞིག་གིས་གནས་ཚུལ་བྱུང་བ་འདི་དངོས་འབྲེལ་ཡིན་པ་དང་། གཏོར་སྐྱོན་བཏང་ཡུལ་གྱི་ལྷན་ཁང་འདིའི་དྲ་རྒྱ་མང་པོ་ཞིག་ཨོ་སི་ཊོ་ལི་ཡའི་ལྷན་ཁང་གཞན་དང་འབྲེལ་མཐུད་ཆེན་པོ་ཡོད་དུས། གཏོར་སྐྱོན་བཏང་བའི་གཞུང་གི་དྲ་རྒྱ་ཁག་བཟོ་བཅོས་བྱེད་རྒྱུར་ ཨ་སྒོར་ས་ཡ་མང་པོ་འགྲོ་འགྲོན་གཏང་དགོས་པ་ཆགས་རྒྱུ་ཡིན་ཞིང་། རྒྱ་ནག་གཞུང་གིས་གོང་ཞུས་གཏོར་སྐྱོན་དེ་བྱས་པ་ངོས་ལེན་བྱས་མེད། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧུ་ཝ་ ཆུང་ཡིང་གིས་འགྲེལ་བརྗོད་བྱེད་དོན་ལ། དྲ་རྒྱར་གཏོར་སྐྱོན་བཏང་རིགས་ལ་རྒྱ་ནག་གཞུང་གིས་མཐའ་གཅིག་དུ་ངོ་རྒོལ་བྱེད་བཞིན་ཡོད་པ་དེ་ང་ཚོས་གནས་དུས་མང་པོར་འགྲེལ་བརྗོད་བྱས་ཡོད། དྲ་རྒྱའི་སྲུང་ཆ་དེ་གཅིག་གི་གཅིག་ལ་གུས་བརྩི་ཡོད་པའི་ཐོག་ནས་སེལ་ཐབས་བྱེད་དགོས་པ་དེ་ཡང་ང་ཚོས་ནན་བརྗོད་བྱས་ཡོད། བྱས་ཙང། གཞི་རྩ་གང་ཡང་མེད་པའི་སྐྱོན་འཛུགས་དང་ཚོད་དཔག་བྱ་རྒྱུ་དེ་ཕན་ཐོགས་ཡོད་པ་ཞིག་མ་རེད་ཅེས་ཁོང་གིས་མུ་མཐུད་འགྲེལ་བརྗོད་བྱས་འདུག

XS
SM
MD
LG