ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷ་སའི་གཙུག་ལག་ཁང་གི་མཐའ་འཁོར་དུ་རྒྱ་གཞུང་གིས་སོ་ཉུལ་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ།


བོད་ཀྱི་རྒྱལ་ས་ལྷ་སའི་ཁྱབ་ཁོངས་ས་ཁུལ་ཁག་གི་ནང་ནས་ བར་སྐོར་ས་ཁུལ་ནི་ དེ་སྔ་སྐབས་ཤིག་གི་རིང་ལ་ བོད་མིས་རྒྱའི་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་ཞི་རྒོལ་གྱི་ལས་འགུལ་ཐོན་ས་གཙོ་བོ་ཞིག་ཏུ་གྱུར་ཏེ་ ཞི་རྒོལ་བྱེད་མཁན་བོད་མིར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་མིས་དྲག་གནོན་བྱས་པ་སོགས་ དྲག་ཟིང་གི་གནས་ཚུལ་བྱུང་ཡུལ་གཙོ་བོ་ཞིག་ཡིན་ཀྱང་ ད་ཆ་བར་སྐོར་ནི་ བོད་ཙམ་མ་ཟད་ རྒྱ་ནག་ཁྱོན་ཡོངས་ཀྱི་ནང་ནས་བརྟན་ལྷིང་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་ཅེས་ བོད་ནང་ཡོད་པའི་རྒྱ་གཞུང་གི་འགོ་ཁྲིད་མི་སྣས་བརྗོད་པ་དང་འབྲེལ་ དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་ ས་གནས་ས་ཐོག་ཏུ་མྱུལ་ཞིབ་ཀྱི་ལས་དོན་ནུས་པ་ཐོན་པ་སྤེལ་ཐུབ་པར་བརྟེན་ནས་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་ དེ་ཡང་ རོའི་ཊར་༼Reuters༽ གསར་སྤེལ་ཁང་གིས་ད་རིང་ལྷ་ས་ནས་གནས་ཚུལ་ཞིག་སྤེལ་འདུག་པ་དེའི་ནང་ ལྷ་སའི་ཇོ་ཁང་གི་མཐའ་འཁོར་དུ་ གྲོང་མི་ཕར་འགྲོ་ཚུར་འོང་བྱེད་མཁན་རྣམས་ལ་ལྟ་ཞིབ་བྱ་རྒྱུའི་ཆེད་དུ་ ཚོང་ཁང་མང་པོ་ཡོད་སའི་ཚོང་རྭ་དང་ གྲོང་ཁྱིམ་ཡོད་སའི་སྒོ་རྭ་བཅས་ཀྱི་ནང་ སོ་ལྟ་ཁང་བཙུགས་ཏེ་ གྲོང་མིའི་འགུལ་བསྐྱོད་ཐ་དག་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་དང་ ལྟ་ཞིབ་བྱེད་མཁན་སོ་མྱུལ་དེ་དག་ནི་ གྲོང་ལེན་དོ་དམ་ཁང་ཟེར་བས་ འདེམས་སྒྲུག་བྱས་པའི་ས་གནས་ཀྱི་མི་ཧུར་བརྩོན་ཅན་དེ་འདྲ་ཡིན་ཞིང་ དེ་དག་གིས་མཚན་མོ་སྒོ་རྭ་ཚང་མའི་རྒྱལ་སྒོ་བརྒྱབས་ཏེ་ མི་སུ་ཞིག་ཀྱང་ཕྱིར་ཐོན་དུ་འཇུག་གི་མེད་ལུགས་ ས་གནས་ཀྱི་གྲོང་མི་རྣམས་ཀྱིས་འགྲེལ་བརྗོད་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG