ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྷ་རན་སིའི་རྒྱལ་ས་པེ་རི་སེ་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐོང་ཚོགས་གནང་བའི་གོ་ལའི་གནམ་གཤིས་སྐོར་གྱི་ལྷན་ཚོགས་དེར་འཛམ་གླིང་གི་དབུ་ཁྲིད་རྣམས་ལྷན་འཛོམས་གནང་ནས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་དམིགས་ཚད་ཤིན་ཏུ་མཐོ་བའི་ཐོུང་གི་ལས་འཆར་ཞིག་ལ་མོས་མཐུན་གནང་ཐུབ་པའི་འབད་བརྩོན་གནང་བཞིན་ཡོད་འདུག་པ་དང་། ཨ་རིའི་སྲིད་འཛིན་བྷ་རག་ ཨོ་བྷ་མ་་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གཉིས་ད་རིང་པེ་རི་སེ་ནང་འབྱོར་ནས་འཛམ་གླིང་རྒྱལ་ཁབ་ལྔ་བཅུ་ཙམ་གྱི་དབུ་ཁྲིད་རྣམ་པའི་ལྷན་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ལ་ཁས་ལེན་དང་རེ་བ་མཐོ་བའི་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་། ཚོགས་ཆེན་དེའི་ནང་ས་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེ་འགོག་ཐབས་ཀྱི་ཐབས་ཤེས་འཚོལ་རྒྱུ་དང་། འཛམ་གླིང་གི་དཔལ་འབྱོར་ས་འོག་གི་གཏེར་མཛོད་ཁོ་ནར་བརྟེན་བཞིན་པ་ནས་ཁ་བྲལ་ཐབས་སུ་ཐོུང་གི་ཐབས་ལམ་འཚོལ་ཐབས་གནང་རྒྱུ་བཅས་པའི་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

XS
SM
MD
LG