ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༥/༡༧

ཨུ་རུ་སུ་དང་ཏུར་ཀིའི་འགལ་ཟླ།


ཨུ་རུ་སུའི་འཐབ་འཛིང་གནམ་གྲུ་ཞིག་ལ་ཏུར་ཀིའི་འཐབ་འཛིང་གནམ་གྲུ་ཞིག་གིས་མེ་ཤུགས་འཕུར་མདའ་བརྒྱབ་ནས་གཏོར་ཀྱང་། ད་དུང་ཡང་ཨུ་རུ་སུའི་གནམ་དམག་གིས་སི་རི་ཡའི་གྱེན་ལོག་པའི་བཙན་ས་ཁག་ལ་གཏོར་རྒོལ་བྱ་རྒྱུ་མཚམས་འཇོག་གི་མེད་ཅིང་། ཨུ་རུ་སུའི་དམག་གི་མེ་ཤུགས་འཕུར་མདའ་ཁག་ཅིག་སི་རི་ཡའི་ས་ཐོག་ཏུ་བཙུགས་ཏེ། ཏུར་ཀིའི་གནམ་དམག་གིས་སླར་ཡང་ཨུ་རུ་སུའི་གནམ་དམག་ལ་ཚུར་རྒོལ་བྱེད་ཚེ། ཨུ་རུ་སུའི་དམག་གིས་མེ་ཤུགས་འཕུར་མདའ་བརྒྱབ་ནས་ཏུར་ཀིའི་འཐབ་འཛིང་གནམ་གྲུ་དེ་ཚོར་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུ་དང་ཏུར་ཀི་གཉིས་ལ་དམག་འཁྲུག་གི་ཛ་དྲག་ཆེ་རུ་མི་གཏོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG