ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཤར་ཨེ་ཤི་ཡེའི་ཚོགས་འདུའི་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་སྐོར་གླེང་སློང་།


གཟའ་འཁོར་འདི་རྫོགས་མཚམས་སུ་ མཱ་ལེ་ཤི་ཡེའི་རྒྱལ་ས་ཀཱོ་ལཱ་ལུམ་པུར་དུ་ ལྷོ་ཤར་ཨེ་ཤི་ཡེའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་གནང་རྒྱུའི་འཆར་གཞི་ཡོད་པ་དེའི་ཐོག་ ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་དང་ མངའ་ཁུལ་གྱི་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་ཀྱིས་ ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་སྐོར་གླེང་སློང་བྱ་རྒྱུའི་འཆར་གཞི་ཡོད་རེད་ཅེས་ ཨེ་ཤི་ཡེའི་སྲིད་བྱུས་ཀྱི་ཐད་སྐུ་ཞབས་ཨཽ་བྷ་མའི་ཐབས་བྱུས་འདྲི་ཡུལ་གཙོ་བོ་ཞིག་གིས་གཟའ་ཕུར་བུའི་ཉིན་འགྲེལ་བརྗོད་གནང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG