ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་བདེ་འཇགས་སྲུང་སྐྱོང་བྱེད་སྒོ་དོ་ནན་དུ་བཏང་ཡོད་པ།


ཕྷི་རཱན་སིའི་རྒྱལ་ས་པེ་རི་སེ་ནང་ དྲག་སྤྱོད་པས་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་རྒོལ་བརྡུང་རིམ་པ་ཞིག་བཏང་སྟེ་ མི་གྲངས་༡༢༩བསད་པ་དང་ ༣༥༢ལ་རྨས་སྐྱོན་བྱུང་བའི་ཚབས་ཆེའི་གནས་ཚུལ་བྱུང་བའི་རྗེས་སུ་ རེས་གཟའ་ཉི་མའི་ཉིན་ རྒྱ་ནག་གཞུང་གིས་ ཡུལ་དེ་ཁྱོན་ཡོངས་སུ་བདེ་འཇགས་སྲུང་སྐྱོང་བྱེད་སྒོ་ཕྱོགས་ཡོངས་ནས་དོ་ནན་དུ་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ རྒྱ་ནག་གཞུང་འབྲེལ་ཤིན་ཧོའ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ དེ་ཉིན་ རྒྱ་ནག་གིས་འཇིགས་བསྐུལ་རིང་ལུགས་བཀག་སྡོམ་སྒྲིག་འཛུགས་དང་ སྤྱི་བདེ་ཉེན་རྟོག་ལས་ཁང་ཟུང་འབྲེལ་གྱི་ཚོགས་འདུ་ཞིག་བསྡུ་བསྐོང་བྱས་ཏེ་ དབུས་གཞུང་དང་ ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཚང་མས་ འཇིགས་བསྐུལ་རིང་ལུགས་སྔོན་འགོག་བྱ་རྒྱུའི་གྲ་སྒྲིག་འཐུས་སྒོ་ཚང་དུ་དང་ གསང་བའི་གནས་ཚུལ་བསྡུ་རུབ་བྱེད་ཤུགས་ཆེ་རུ་གཏང་སྟེ་ མང་ཚོགས་ཀྱི་བདེ་འཇགས་དང་ སྤྱི་ཚོགས་བརྟན་ལྷིང་འགན་སྲུང་བྱེད་དགོས་པ་ཡིན་ཞེས་ འཇིགས་བསྐུལ་རིང་ལུགས་བཀག་སྡོམ་སྒྲིག་འཛུགས་ཀྱི་འགན་འཛིན་གཱའོ་ ཤེན་ཀུན་གྱིས་ཚོགས་ཞུགས་རྣམས་ལ་ནན་བསྐུལ་བྱས་ཡོད་པ་རེད།

XS
SM
MD
LG