ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཨ་རིའི་དམག་གི་གནམ་གྲུར་རྒྱ་ནག་གིས་ཉེན་བརྡ་བཏང་བ།


ཨ་མི་རི་ཀའི་འབར་མདེལ་གནམ་གྲུ་གཉིས་ཀྱིས་འདི་ཟླའི་ཚེས་༨་དང་༩ ་ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་འཛུགས་སྐྲུན་བྱེད་བཞིན་པའི་གླིང་ཕྲན་གྱི་ཉེ་འགྲམ་དུ་སྐོར་གཡེང་བྱེད་བཞིན་པའི་སྐབས་སུ་ས་ཐོག་ནས་རྒྱ་ནག་གི་དོ་དམ་པས་ཉེན་བརྡ་བཏང་ཡོད་ཅིང་། ཡིན་ནའང་ཉེན་བརྡ་དེ་དག་ཁ་ནས་བཏང་བ་ཙམ་ལས་གནས་ཚུལ་བྱུང་མི་འདུག་ཅེས་ཨ་རིའི་དམག་སྤྱི་ཁང་གིས་འགྲེལ་བརྗོད་གནང་བ་དང་། ཨ་རིའི་དམག་གི་གནམ་གྲུ་དེ་གཉིས་ནི་རྒྱལ་སྤྱིའི་མཚོ་ཐོག་གི་ཁྲིམས་མཐུན་ས་ཐིག་གི་ནང་ཚུད་དུ་རྒྱུན་ལྡན་གྱི་སྐོར་གཡེང་བྱེད་བཞིན་པ་རེད་ཅེས་གསུང་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་ཨ་རིའི་གནང་ཕྱོགས་དེ་ནི་རྒྱ་ནག་གི་བདག་དབང་ལ་རྩིས་མེད་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

XS
SM
MD
LG