ངོ་འཕྲད་བདེ་བའི་དྲ་འབྲེལ།

འབར་མའི་གྲོས་ཚོགས་གོང་འོག་གཉིས་ལ་ཁྱོན་བསྡོམས་འཐུས་མི་༦༦༤་ཡོད་པ་དང་། བདུན་ཕྲག་སྔོན་མར་འབར་མའི་འོས་འདེམས་ས་ཁོངས་བདུན་ལ་འོས་བསྡུ་བྱ་ཐུབ་མེད་ཅིང་། འོས་འདེམས་བྱས་ཚར་པའི་ས་ཁོངས་ཁག་གི་འོས་ཤོག་གྲངས་རྣམས་ཀ་བརྒྱབ་སྟེ་འབར་མའི་ཁ་གཏད་ཚོགས་པར་གྲོས་ཚོགས་འཐུས་མིའི་གདན་གྲངས་མང་བ་འཐོབ་ཀྱི་ཡོད་པ་དང་། དེ་རིང་གཟའ་ཕུར་བུའི་ཉིན་འབར་མའི་འོས་འདེམས་ལྷན་ཁང་གིས་སླར་ཡང་འོས་ཤོག་གྲངས་ཀ་བརྒྱབ་ཚར་པ་ཁག་ཅིག་གི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཨང་སན་སུ་ཅཱིས་འགོ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པར་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་པར་གདན་གྲངས་༣༨་ལས་དགོས་ཀྱི་མེད་པ་རེད།

XS
SM
MD
LG