ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དང་དཔལ་འབྱོར།


ཕྱི་༡༡་ཚེས་༡༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ལྷན་ཁང་གི་བློན་ཆེན་གཞོན་པ་ཝང་ཕེ་ཨན་གྱིས་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་སྲིད་ཇུས་འདིར་མི་མང་ལས་རྩོལ་པའི་གྲངས་འབོར་མང་དུ་སོང་སྟེ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་ཕྱེད་ཀ་ཙམ་འཕར་སྣོན་འགྲོ་ཐུབ་པའི་གྲུབ་འབྲས་འཐོན་ཐུབ་ཅེས་བཤད་ཡོད་ཅིང་། ཝང་ཕེ་ཨན་གྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དེར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་ཕྱེད་ཀ་འཕར་སྣོན་འགྲོ་ཐུབ་པའི་གྲུབ་འབྲས་ཇི་ལྟར་འཐོན་རྒྱུ་ཡིན་མིན་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་པ་དང་། ཉམས་ཞིབ་པ་ཚོས་༢༠༥༠་ཡས་མས་སུ་རྒྱ་ནག་ལ་ན་གཞོན་ལས་རྩོལ་པ་བྱེ་བ་༣་འཕར་སྣོན་འགྲོ་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG