ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་སྲིད་འཛིན་དམ་པ་ཨབ་དྷུལ་ཀ་ལམ་གྱི་གཟེངས་རྟགས་དབུ་འབྱེད་མཛད་པ།


ཕྱི་ཟླ་༡༡ ཚེས་༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ནེ་ལ་ཆིབས་སྒྱུར་གནང་སྟེ་གང་གི་གྲོགས་པོ་རྒྱ་གར་སྲིད་འཛིན་དམ་པ་ཨབ་དྷུལ་ཀ་ལམ་མཚན་ཐོག་སྤྱི་ཚོགས་ཕན་བདེའི་བྱ་བ་སྒྲུབ་མཁན་ལ་གཟེངས་རྟགས་གནང་རྒྱུའི་མཛད་སྒོ་དབུ་འབྱེད་གནང་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་དེའི་རོལ་དབྱངས་ལྟེ་གནས་ཁང་ཞིག་གི་ཚོགས་ཁང་དུ་རྒྱ་གར་དང་བོད་མི་སོགས་མི་སྣ་བརྒྱ་ཕྲག་མང་པོའི་མདུན་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏ་ལའི་བླ་མ་མཆོག་གི་ཕྱག་ནས་སྲིད་འཛིན་ཨབ་དུལ་ཀ་ལམ་ཞབས་ཞུའི་གཟེངས་རྟགས་དེ་ཤིང་སྡོང་འདེབས་འཛུགས་དང་། འཐུང་ཆུ་འདྲེན་པའི་ལས་གཞི་གཉེར་མཁན་གྱི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ལ་གནང་ཡོད་པ་རེད། མཛད་སྒོ་དེའི་ཐོག། ༧གོང་ས་མཆོག་གིས་རྒྱ་གར་ནི་སྐྱེས་བུ་དམ་པ་མང་པོ་འཁྲུངས་སའི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྲིད་འཛིན་དམ་པ་ཀ་ལམ་ནི་ཉེ་བའི་དུས་རབས་ཀྱི་སྐྱེས་བུ་དམ་པ་ཞིག་རེད་ཅེས་གསུང་པ་དང་། ཁོང་སྐུ་འཚོ་བཞུགས་རིང་མི་དམངས་ཀྱི་བདེ་རྩར་ཁ་ཡོད་ལག་ཡོད་ཀྱི་དགོངས་བཞེས་ཟབ་པོ་གནང་ཡོད་ཅེས་བསྔགས་བརྗོད་མཛད་འདུག

XS
SM
MD
LG