ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྷང་ལ་རྡེ་ཤ་ནས་བལ་ཡུལ་གྱིས་རྡོ་སྣུམ་ནང་འདྲེན་བྱས་པ།


བལ་ཡུལ་ནང་ སྤྱི་ཟླ་༩་ཟླ་མཇུག་ནས་བཟུང་ བལ་ཡུལ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་སྡོད་བྱེད་མཁན་གྲང་ཉུང་མི་རིགས་ཚོས་ བལ་ཡུལ་གྱི་རྩ་ཁྲིམས་གསར་པར་ངོ་རྒོལ་བྱས་ཏེ་ རྒྱ་གར་ནས་བལ་ཡུལ་ལ་རྡོ་སྣུམ་དང་ཚོང་ཟོག་དབོར་འདྲེན་བྱེད་མཁན་གྱི་སྣུམ་འཁོར་དེ་དག་བཀག་འགོག་བྱས་པའི་རྐྱེན་གྱིས་ བལ་ཡུལ་ནང་སྣུམ་དཀོན་པོ་ཆགས་ཏེ་དཀའ་ངལ་ཚབས་ཆེ་འཕྲད་བཞིན་པའི་སྐབས་དེར་ བལ་ཡུལ་གྱི་སྒེར་བདག་རྡོ་སྣུམ་ལས་ཁང་ཞིག་གིས་བྷང་ལ་རྡེ་ཤ་ནས་རྡོ་སྣུམ་མཁའ་ཐོག་ནས་བལ་ཡུལ་ལ་དབོར་འདྲེན་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མོས་མཐུན་བྱུང་་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་་དང་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG