ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་མི་འབོར་སྲིད་ཇུས།


རྒྱ་ནག་གིས་མི་འབོར་བཀག་སྡོམ་བྱེད་པར་བཟའ་ཚང་གཉིས་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ལོ་༣༥་སོང་ཡོད་ཅིང་། ཁ་སང་ཕྱི་ཟླ་༡༠་ཚེས་༢༩་ཉིན་རྒྱ་ནག་གཞུང་གིས་བཟའ་ཚང་གཉིས་ལ་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་ཐག་གཅོད་བྱས་ཏེ། མི་མང་སྒེར་གྱི་ཁྱིམ་ཚང་གི་འཚོ་བར་གཞུང་གི་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པར་འགྱུར་བ་གང་འཚམས་ཤིག་ཐེབས་པའི་རྣམ་པ་ཞིག་ཐོན་རུང་། ད་དུང་ཡང་རྒྱ་ནག་གི་སྤྱི་ཚོགས་དང་མི་མང་གི་གཞི་རྩའི་ཐོབ་ཐང་ལ་གུང་ཁྲན་ཏང་གིས་སྟངས་འཛིན་ནན་པོ་བྱེད་ཡོད་པའི་དངོས་ཡོད་གནས་སྟངས་ལ་འགྱུར་བ་གང་ཡང་ཐེབས་མེད་པ་དང་། རྒྱ་ནག་ལ་མི་མང་རྒན་རྒོན་གྱི་གྲངས་འབོར་ཇེ་མང་དང་ན་གཞོན་ལས་རྩལ་པའི་མི་གྲངས་ཇེ་ཉུང་དུ་སོང་ཡོད་པས། པེ་ཅིང་གི་དབང་འཛིན་པ་ཚོས་རང་ཡུལ་གྱི་བཟའ་མི་གཉིས་ལ་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་ཐག་གཅོད་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG