ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཨ་རིའི་དམག་གྲུའི་སྐོར་གཡེང་འགོག་རྒྱུ་ཡིན་ཟེར།


ཉེ་ཆར་ཨ་མི་རི་ཀའི་དམག་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་སྐོར་གཡེང་དུ་བསྐྱོད་ཡོད་ཅིང་། ཨ་རིའི་དམག་གྲུ་དེ་རྒྱ་ནག་གིས་ཨར་འདམ་བླུགས་ནས་འཛུགས་སྐྲུན་བྱས་པའི་གླིང་ཕྲན་ཞིག་དང་མཚོ་ལེ་༡༢་ལས་མེད་པའི་མཚམས་སུ་སོང་སྟེ། རྒྱ་ནག་གིས་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་ས་ཆ་བདག་འཛིན་བྱེད་ཀྱི་ཡོད་པ་དེར་ཨ་མི་རི་ཀས་ངོས་ལེན་མེད་པའི་རྣམ་འགྱུར་གསལ་བོ་བསྟན་པ་དང་། དེ་རིང་ཕྱི་ཟླ་༡༠་ཚེས་༢༩་ཉིན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་སྐོང་སྟེ། ཨ་མི་རི་ཀའི་དམག་གྲུ་གང་ཞིག་སླར་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་སྐོར་གཡེང་དུ་འཛུལ་ཚེ། རྒྱ་ནག་གིས་ཨ་མི་རི་ཀའི་དམག་གྲུ་ཁག་ལ་འགོག་རྒོལ་བྱེད་པའི་དགོས་ངེས་ཀྱི་ལས་ཐབས་ཁག་ལག་ལེན་བསྟར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG