ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་མཚོ་དམག་གྲུ་གཟིངས་ཤིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་དུ་བསྐྱོད་པ་དང་། ཨ་མི་རི་ཀའི་དམག་གྲུ་དེ་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་གླིང་ཕྲན་གསར་པ་ཞིག་དང་རྒྱང་ཁད་མཚོ་ལེ་༡༢་ལས་མེད་པའི་མཚམས་སུ་སོང་སྟེ། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་མངའ་ཁོངས་བདག་རྩོད་བྱེད་ཀྱི་ཡོད་པ་དེར་ཨ་མི་རི་ཀས་བརྩི་མེད་བཏང་ཡོད་ཅིང་། པེ་ཅིང་གི་དབང་འཛིན་པ་ཚོས་ཨ་མི་རི་ཀའི་དམག་གྲུ་དེ་རྒྱ་ནག་གི་མངའ་ཁོངས་སུ་བཙན་འཛུལ་བྱས་སོང་ཞེས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་། དེར་བརྟེན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་དེ་ཉིད་སྔར་ལས་རྣོ་ངར་ཆེ་རུ་འགྲོ་སྲིད་རུང་། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་འགྲེལ་བཤད་བརྒྱབ་ཡོད་པ་རེད།

XS
SM
MD
LG