ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷོ་རྒྱ་ནག་རྒྱ་མཚོའི་ནང་འཛུགས་བསྐྲུན་བྱེད་བཞིན་པ་དེ་དག་ཚང་མར་ཕན་པའི་ཆེད་དུ་ཡིན་ལུགས་བརྗོད།


རྒྱ་ནག་གིས་ རྒྱལ་ཁབ་མང་པོ་དང་བདག་དབང་གི་ཐད་རྩོད་གླེང་བྱེད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ རང་འབྱུང་མིན་པའི་གླིང་ཕྲན་གསར་པ་མང་པོ་ཞིག་འཛུགས་བསྐྲུན་བྱས་དང་བྱེད་བཞིན་པ་དེ་ནི་ མངའ་ཁུལ་དེའི་བདག་དབང་རང་ལ་ཡོད་ཚུལ་གྱི་རྣམ་པ་བསྟན་རྒྱུར་དམིགས་པ་ཞིག་ལ་འབྲེལ་ཡོད་མང་པོས་ངོས་འཛིན་བྱས་ཏེ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་ རྒྱ་ནག་གི་མཐོ་རིམ་དམག་སྤྱི་ཞིག་གིས་ སྐྱོན་བརྗོད་དེ་ལྷིང་འཇགས་སུ་གཏོང་རྒྱུར་དམིགས་ཏེ་ གླིང་ཕྲན་གསར་རྒྱག་གི་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ མཚོ་འགྲུལ་དབང་རང་དབང་ལ་ཕན་ཐོགས་ཡོང་རྒྱུའི་ཆེད་དུ་ཡིན་ཞེས་དག་འབུད་བྱས་ཡོད་པ་རེད་ དེ་ཡང་ རེས་གཟའ་སྤེན་པའི་ཉིན་ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ བདེ་སྲུང་གི་གནད་དོན་ཐད་འབྲེལ་ཡོད་རྒྱལ་ཁབ་ཁག་གི་མཐོ་རིམ་རིམ་པའི་གྲོས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དེའི་ཐོག་ རྒྱ་ནག་གི་དམག་སྤྱི་ཕྷན་ ཅང་ལཱོང་གིས་ ང་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ གླིང་ཕྲན་གསར་རྒྱག་གི་ལས་གཞི་གཉེར་བཞིན་པ་དེས་ མཚོ་འགྲུལ་རང་དབང་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་ལུགས་གཞན་གྱིས་བློ་འཚབ་བྱེད་ཀྱི་ཡོད་པ་དེ་ནི་ གཞི་མེད་པ་ཞིག་ཡིན་པ་དང་ དོན་དངོས་སུ་ འཛུགས་བསྐྲུན་གྱི་ལས་གཞི་དེ་ཚོ་ནི་ སྤྱི་ལ་ཕན་པའི་ཆེད་དུ་གཉེར་བ་ཞིག་ཡིན་པས་ དེའི་ཐོག་ནས་ང་ཚོས་ ཁུལ་དེའི་མཚོ་འགྲུལ་དང་ ཐོན་སྐྱེད་ལ་ཕན་པའི་ཞབས་ཞུ་སྒྲུབ་ཐུབ་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།

XS
SM
MD
LG