ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གིས་ཨ་རི་དང་ཨོ་སི་ཊེ་རེ་ལི་ཡར་སྐྱོན་བརྗོད།


ཨ་མི་རི་ཀ་དང་ཨོ་སི་ཊི་རེ་ལི་ཡའི་རྒྱལ་སྲུང་བློན་ཆེན་རྣམ་པ་ཉི་མ་གཉིས་ཨ་མི་རི་ཀའི་བྷོ་སི་ཊོན་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། ཁོང་ཚོས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དེར་བློ་འཚབ་ཆེན་པོ་ཡོད། ཨ་མི་རི་ཀ་དང་ཨོ་སི་ཊེ་རེ་ལི་ཡའི་མཚོ་དམག་གི་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨོ་སི་ཊི་རེ་ལི་ཡ་དང་ཨ་མི་རི་ཀའི་རྒྱལ་སྲུང་བློན་ཆེན་རྣམ་པའི་བཀའ་མོལ་དེར་མོས་མཐུན་མེད། ཨ་མི་རི་ཀ་དང་ཨོ་སི་ཊི་རེ་ལི་ཡ་གཉིས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་ཞི་བདེ་བསྐྲུན་དགོས་པ་ལས། ཁོ་ཚོས་མེ་འབར་པའི་སྒང་ལ་སྣུམ་བླུགས་པ་ལྟར་འགལ་ཟླ་ཆེ་རུ་བཏང་ན་དགེ་མཚན་མེད། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དེ་དག་གིས་ཚད་ཐིག་གཉིས་བཟུང་ནས་གཞན་ལ་སྐྱོན་བརྗོད་མི་བྱེད་པའི་འབད་སྐུལ་ཞུ་རྒྱུ་ཡིན། ཁོ་ཚོས་དྲང་སྙོམས་དང་ཕྱོགས་ལྷུང་མེད་པའི་ལངས་ཕྱོགས་ཤིག་འཛིན་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་ཁ་དན་ཚིག་ལ་གནས་པའི་རེ་བ་ཡོད་ཅེས་བཤད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG