ངོ་འཕྲད་བདེ་བའི་དྲ་འབྲེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་ལྐོག་ཟ་རུལ་སུངས།


ཨ་མེ་རི་ཀའི་གཞུང་འབྲེལ་མི་སྣས། མཉམ་འབྲེལ་རྒྱལ ཚོགས་ཀྱི་ཚོགས་གཙོ་ཟུར་བ་ཞིག་དང་གཞུང་ཚབ་མི་སྣ་གཅིག་ཡང་ རྒྱ་ནག་གི་འབྱོར་ལྡན་ཚོང་བ་ཞིག་ལ་སོགས་པའི་མི་དྲུག་གིས། རྒྱལ་ཚོགས་ཀྱི་མཚན་གནས་བེད་སྤྱོད་ལོག་པ་བཏང་བར་ཉེས་འཛུགས་བྱས་པའི་གྱོད་དོན་ལ་ཁྲིམས་བཤེར་བྱེད་བཞིན་པ་གསལ་བསྒྲགས་བྱས་ཡོད། ཚེས་དྲུག་ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་སུ། ཨ་མེ་རི་ཀའི་གྱོད་དོན་རྟོག་ཞིབ་ཁང་གི་ནེའི་ཡོག་ཏུ་ཡོད་པའི་ལས་ཁུངས་ཀྱི་འགན་འཛིན་ལས་རོགས་ཡིས་ “དེ་རིང་ང་ཚོས་གྱོད་དོན་ཕྱི་བསྒྲགས་བྱེད་བཞིན་པ་ཡིན་པས་རྒྱལ་ཁབ་གཞན་ནས་ཨ་མེ་རི་ཀར་ཡོང་སྟེ། ལྐོག་ངན་སྤྲོད་པའི་འཆར་གཞི་ཡོད་པ་དང་ཡང་ན་ཁྲིམས་འགལ་གྱིས་དངུལ་སྒོར་སྐྱེལ་འདྲེན་བྱེད་མཁན་ཚོར་ཁྲིམས་ཀྱི་མདུན་སར་སུ་ཡང་ཐར་ས་མེད་ཅེས་དམིགས་བསལ་བརྡ་ལན་ཞིག་སྤྲོད་བཞིན་པ་ཡིན།”ཞེས་བརྗོད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG